Thank You Teachers--A Happy Teachers' Day

On this auspicious day I would like to wholeheartedly wish all my teachers A Very Happy Teachers' day. I have been successful only with with your guidance and prayers. I have learn to survive with the world only  because of you.



འཛམ་གླིང་ཡངས་པའི་རྒྱལ་ཁམས་ཆེན་པོ་ནང་།།   གར་འགྱོ་མ་ཤེས་སྤྱང་འཁྱམས་སྡོདཔ་པའི་དུས།།
བསླབ་བྱ་མང་པོར་གནང་ནས་ལམ་བཟང་སྟོན།།     བཀོད་པའི་སློབ་དཔོན་ཡོངས་ལ་བཀྲིན་ཆེ།།

སློབ་ནམས་ཡོངས་ཀྱི༌བྱམས༌པའི༌ཐུགས༌དགོངས༌དང༌།། བརྩེ༌བའི༌སྤྱན༌གྱིས༌ཡང༌ཡང༌གཟིགས༌པའི༌ཚེ།།
ས༌ལ༌གནས༌པའི༌འབུ༌སྲིན༌ཐམས༌ཅད༌ཀྱང༌།།   དགའ༌ཞིང༌སྤྲོ༌བའི༌ཐོག༌ལས༌བྲོ༌འཁྲབ༌མས།།

སློབ་དཔོན་ཁྱོད་ཀྱིས་ང་བཅས་ན་གཞོན་ལུ།།  བཀའ་སློབ་ལེགས་པའི་ནུས་ཤུགས་འོད་ཟེར་འདི།།
ནམ་ཁའི་ཉི་མ་བདུན་གྱི་འོད་ཟེར་ཡང་།།    ཁྱོད་ཀྱི་འོད་ལུ་འགྲན་པའི་བསམ་མིན་འདུག།

དེང་སང་མཚན་རིག་མཁས་པ་ཚུ་གིས་ཀྱང་།། ཐམས་ཅད་ཤེས་པའི་སྤོབས་པ་མེད་ན་ཡང་།།
སློབ་དཔོན་ཁྱོད་ཀྱི་བརྩེ་བའི་ཐུགས་རྒྱུད་ལ།།  ཐམས་ཅད་མཁྱེན་པས་རང་ཡང་ངོ་མཚར་ཆེ།།

སློབ་དཔོན་ཁྱོད་སྐུ་ཁུ་བྱུག་སྔོན་མོ་ལས།།  དཔེ་སྟོན་བཟང་པོའི་གླུ་དབྱངས་སྙན་པོ་དང་།།
དབྱངས་ཅན་ལྷ་མོའི་ཧན་པའི་པྱི་ཝང་གཉིས།། དབྱེ་ཕྱེ་མ་ཤེས་ང་ནི་ཐེ་ཚོམ་ཆགས།།

ཚེས་པ་བཅོ་ལྔ་ཤར་བའི་ཟླཝ་བཟུམ་ལས།། ཞལ་ནས་བསླབ་བྱ་ཡང་ཡང་གསུང་པའི་དུས།།
སློབ་དཔོན་ཁྱོད་ཀྱི་གསུངས་པའི་གསུང་སྐད་ལ།། སྤྱི་ཝང་ཨིན་ཟེར་ང་གི་ཐེ་མི་ཚོམ།།

ད༌རིས༌བཀྲིས༌དཔལ༌གྱི༌ཉི༌མ༌ལུ།།  ན༌གཞོན༌ཡོངས༌ཀྱི༌མི༌ཚེ༌གསར༌བཟོ༌བའི།།
སྙིང༌རུས༌ཅན༌གྱི༌སློབ༌ནམས༌ག༌ར༌ལུ།། ཁོག༌པའི༌སྡིང༌ལས༌བཀྲིས༌བདེ༌ལེགས༌ཞུ།།

Labels: